藏文名词术语规范公报 总第49期
བོད་ཡིག་ཐ་སྙད་བཀས་བཅད་སྤྱི་བསྒྲགས། 藏文名 词术语规范公告 |
༢༠༡༥ལོའི་འདོན་ཐེངས་བརྒྱད་པ། སྤྱིའི་འདོན་ཐེངས་༤༩པ། 2015年第8期 总第49期 |
1、按本色做人,按角色办事 རང་བཞིན་བཟང་བའི་མི་ཞིག་བྱེད།
རང་འགན་ཇི་བཞིན་ལས་དོན་སྒྲུབ།
2、百里不同风,千里不同俗 ལུང་པ་རེ་ལ་ཆ་ལུགས་རེ།
ས་ཆ་རེ་ལ་སྐད་ལུགས་རེ།
3、不留“暗门”,不开“天窗” “གསང་སྒོ”མི་འདོན་པ་དང་།
“གནམ་སྒོ”མི་ཕྱེ་བ།
4、不谋全局者,不足谋一域 ཕྱོགས་ཡོངས་བསམ་ཤེས་མེད་པའི་མིས།
ཡུལ་ཕྲན་ཞིག་ཀྱང་སྐྱོང་བར་དཀའ།
5、不以规矩不能成方圆(没有规矩不成方圆)
སྒྲིགས་མེད་ན་སྲོལ་མི་ཆགས།
6、不知通则无应敌制变之术,不知本则有非薄名教之心
བབ་དང་བསྟུན་ལུགས་མ་ཤེས་ན་ཕ་
རོལ་འདུལ་བའི་ཐབས་བཟང་མེད།
རང་རྩ་རང་གིས་མ་རྟོགས་ན་རང་གི་ལུགས་ལ་ཐེ་ཚོམ་སྐྱེ།
7、彩虹出现在风雨后 ཆར་རླུང་རྗེས་སུ་རྣམ་བཀྲའི་འཇའ་གུར་ཕུབ།
8、打折扣、做选择、搞变通 འཐེན་སྐུམ་དང་། གདམ་ག འགྱུར་བ་གཏོང་བ།
9、道私者乱、道法者治 སྒེར་སེམས་ཆེ་ན་འཁྲུག་པའི་རྒྱུ།
ཁྲིམས་བཞིན་བསྐྱངས་ན་བདེ་བའི་གཞི།
10、道之以德,齐之以礼, 有耻且格སྤྱོད་པས་བསྐྱངས་ཤིང་ལུགས་ཀྱིས་གཅུན་གྱུར་ན།
ཁྲེལཡོད་ངོ་ཚ་ཤེས་ཤིང་དུལ་བར་འགྱུར།
11、钉钉子的精神 གཟེར་འདེབས་སྙིང་སྟོབས།
12、多规合一 འཆར་མང་གཅིག་སྒྲིལ།
13、耳闻不如面见之,见之不如足践之 ཐོས་པ་ལས་མཐོང་བ་དགའ།
མཐོང་བ་ལས་བསྒྲུབས་པ་དགའ།
14、法与时变,礼与俗化 ཁྲིམས་སྲོལ་དུས་དང་བསྟུན་ནས་འགྱུར།
གུས་ལུགས་སྲོལ་དང་བསྟུན་ནས་འགྱུར།
15、凡事预则立、不预则废 སྔོན་གྲབས་ཡོད་ན་བྱ་བ་འགྲུབ།
སྔོན་གྲབས་མེད་ན་བྱ་བ་འཕྱུག
16、防止零敲碎打,防止来回折腾“翻烧饼”
འཆར་མེད་ཙག་ཙིག་གི་བྱ་བ་དང་།
ངལ་བ་འབྲས་མེད་ཀྱི་ལས་སྐྱོར་བྱེད་མི་རུང་།
17、放在火线上(培养干部) འགག་གནས་ཐོག་འཇོག་པ།
18、风向标 རླུང་ཕྱོགས་སྟོན་རྟགས།
19、改革也要辩证施治,既要养血润燥、化瘀行血,又要固本培元、壮肌续骨,使各项改革发挥最大效能 བསྒྱུར་བཅོས་ཀྱང་རྩོད་སྒྲུབ་ཐོག་ནས་བྱེད་དགོས་ཏེ།
ནུས་གསོ་ལམ་བཤངས་བྱེད་དགོས་ལ་གཞི་བརྟན་བས་
འཕེལ་ཡོང་བའང་བྱས་ཏེ་བསྒྱུར་བཅོས་ཁག་གི་ནུས་
ཕྱོད་ཆེ་ཤོས་ཐོན་པ་བྱེད་དགོས།
20、盖有非常之功,必待非常之人 བྱས་རྗེས་རླབས་ཆེན་འཇོག་དགོས་ན།
འཇོན་ཐང་ཅན་གྱི་སྐྱེ་བོ་དགོས།
21、关键少数 འགག་རྩའི་ཉུང་ཤས།
22、个人风头主义 རང་ངོམས་རིང་ལུགས།
23、国无德不兴,家无德不立 རྒྱལ་ཁབ་ཀུན་སྤྱོད་མེད་ན་རྒུད།
ཁྱིམ་ཚང་ཀུན་སྤྱོད་མེད་ན་ཉམས།
24、功成不必在我 བྱས་རྗེས་ལ་ཐོབ་རྩོད་མི་བྱེད།
25、脚踩西瓜皮,滑到哪里算哪里 ཤོག་བུ་རླུང་འཁྱེར། ཆུ་མོས་གང་འཁྱེར་གྱི་ཀོ་གྲུ།
26、急用现找 འཕྲལ་མཁོ་འཕྲལ་འཚོལ།
27、纪律是成文的规矩 སྒྲིག་ཁྲིམས་ནི་ཡིག་ཐོག་གི་སྒྲིག་ལམ་ཡིན།
28、金刚不坏之身 གཞོམ་གཞིག་བྲལ་བ་རྡོ་རྗེའི་ལུས།
29、旧者因噎而食废,新者歧多而羊亡; 旧者不知通,新者不知本
རྙིང་པས་འགག་དོགས་ཟས་བཅད།
གསར་པས་ལམ་མདོར་ལུག་བརླག
རྙིང་པས་བབ་བསྟུན་མི་ཤེས།
གསར་པས་རྩ་བ་མི་རྟོགས།
30、苟日新,日日新,又日新 རྟག་ཏུ་རྣམ་པ་གསར་པ་གཏོད།
31、戒尺 གཅུན་ལྕག
32、客里空 ཁ་ཕོ་ཆེ།
33、刻舟求剑不行,闭门造车不行,异想天开更不行
གྲུ་རྟགས་ཤུལ་དུ་རལ་གྲི་བཙལ་ན་མི་འགྲིག་ལ་སྒོ་
བརྒྱབ་ནས་ཤིང་རྟ་འཁོར་ལོ་བཟོས་ནའང་མི་འགྲིག་ཅིང་།
ནམ་མཁར་རྟ་རྒྱུག་པའི་བསམ་བློ་དེ་བས་ཀྱང་ཡོད་མི་ཉན།
34、立治有体,施治有序 བཅོས་སྐྱོང་བྱེད་པར་ལུགས་ཤིག་དགོས།
ལག་ལེན་བསྟར་བར་གོ་རིམ་དགོས།
35、六合同风,九州共贯 ཀུན་དང་མཐུན་པའི་སྲོལ་བཟང་དེ།
ཀྲུང་གོ་ཡོངས་ཀྱིས་མཉམ་དུ་བཀུར།
36、迈过锅台上炕 སྐས་ཀ་མ་འཛེགས་པར་ཐོག་ཁར་འགྲོ་བ།
37、没有比人更高的山,没有比脚更长的路
མི་ཡིས་མ་བརྒྱབ་ལ་མོ་མེད། རྐང་པས་མ་ཕྱིན་ལམ་བུ་མེད།
38、明制度于前,重威刑于后 ལམ་ལུགས་ཁ་གསལ་སྔོན་དུ་བཟོ།
འགལ་ཆད་ནན་པོ་རྗེས་སུ་གཅོད།
39、木受绳则直,金就砺则利 ཐིག་བརྒྱབ་ན་འདྲོང་། ལྕགས་བརྡར་ན་རྣོ།
40、木桶效应 ཤིང་ཟོམ་ལན་འབྲས།
41、脑袋长在屁股上 མགོ་ཡོད་ཀླད་སྟོང་།
42、能吏 དཔོན་འཇོན་པོ།
43、牛栏关猫 ཞུམ་བུ་ལྷས་འཇུག
44、颇费周折 འགལ་རྐྱེན་ཐགས་ཐོགས་མང་བ།
45、破窗效应 སྒེའུ་ཁུང་ཆག་པའི་ལན་འབྲས།
46、缺位、错位、本未倒置 གནས་སྟོང་ལུས། གནས་འཛོལ་བ། གནས་ལོག་པ།
47、软约束 ལྷུག་ཡང་གཅུན་སྡོམ།
48、死水一潭不行,暗流汹涌也不行 འཁྱིལ་ཆུ་ཆགས་ནས་སྡོད་མི་རུང་ལ།
ཁ་འཁྱིལ་གཏིང་རྒྱུགས་ཆེ་ནའང་མི་འགྲིག
49、少知而迷、不知而盲、无知而乱 ཤེས་བྱ་ཆུང་ན་འཕྲུལ།
ཤེས་བྱ་དམན་ན་རྨོངས། ཤེས་བྱ་མེད་ན་འཁྲུག
50、善做善成 བྱེད་མཁས་ལ་རྗེས་ཐོན་པ།
51、慎独慎微 རང་གཟབ་ཆུང་ཟོན།
52、世间事,作于细,成于严 འཇིག་རྟེན་བྱ་བ་གང་སྒྲུབ་ཀྱང་ཞིབ་དང་ནན་ནི་འགག་རྩ་ཡིན།
53、实践锻炼不是“镀金” ལག་ལེན་དངོས་ཀྱི་སྦྱོང་བརྡར་བྱ་རྒྱུ་ནི
“ཞལ་གསེར”སྒྲོན་པ་ཙམ་མ་ཡིན།
54、事后诸葛亮 ལས་ཚར་རྗེས་ཀྱི་ཇུས་དཔོན།
55、审时度势,虑定而动,天下无不可为之
དུས་བསྟུན་མནོ་བསམ་གཏོང་ཤེས་ན།
མི་འགྲུབ་བྱ་བ་གང་ཡང་མེད།
56、私人俱乐部 སྒེར་གྱི་འདུ་ཚོགས་ཁང་།
57、天高任鸟飞,海阔凭鱼跃 ནམ་མཁའ་ཡངས་བས་འདབ་ཆགས་གང་འདོད་འཕུར།
རྒྱ་མཚོ་ཟབ་པས་ཉ་མོ་ཅི་དགར་འཁྱུག
58、天下难事,必作于易;天下大事,必作于细
དཀའ་བའི་ལས་ནི་སླ་བའི་ཆ་ནས་བྱེད།
དོན་ཆེན་རིགས་ནི་ཆུང་བའི་ཆ་ནས་བྱེད།
59、天下事有难易乎? 为之,则难者亦易矣;不为,则易者亦难矣
འཇིག་རྟེན་བྱ་བར་དཀའ་སླ་ཡོད་མོད་ཀྱང་།
འབད་པས་སྒྲུབ་ན་དཀའ་ཡང་སླ་བར་གྱུར།
འབད་པས་མ་སྒྲུབ་སླ་ཡང་དཀའ་བར་གྱུར།
60、天行健,君子以自强不息 སྐྱེ་བོ་བློ་ལྡན་ཡིན་ཕྱིན་འཇིག་རྟེན་ཆོས་ཉིད་
ལ་བསྟུན་ནས་འབད་པས་འབུངས།
61、惟其艰难,才更显勇毅;惟其笃行,才弥足珍贵
དཀའ་ཚེགས་ཆེ་ན་བློ་སྟོབས་མངོན།
ལག་ལེན་བསྟར་ན་རྩ་ཆེན་ཤེས།
62、为官避事平生耻 དཔོན་པོ་ལས་ལ་གཡོལ་ན་ཞབས་འདྲེན་ཡིན།
63、无信不立 ཡིད་བརྟན་མེད་ན་ཆ་འཇོག་མེད།
64、心底无私天地宽 སྒེར་སེམས་མེད་ན་བློ་རྒྱ་ཡངས།
65、心有所畏 言有所戒,行有所止 སེམས་ལ་ཞེད་ས་ཡོད་པ་དང་།
སྐད་ཆར་འཛེམས་ཟོན་ཡོད་པ།
སྤྱོད་པར་ཚོད་འཛིན་ཡོད་པ།
66、学有所得、思有所悟 སྦྱངས་ནས་འབྲས་བུ་ཐོན།
བསམས་ནས་གོ་རྟོགས་སད།
67、选贤任能、用当其时 བཟང་འདེམས་འཇོན་བསྐོ།
དུས་བསྟུན་སྤྱོད་མཁས།
68、循吏 དཔོན་བཟང་།
69、一考定音 རྒྱུགས་གཅིག་མས་གཏན་ཁེལ།
70、依法治藏,富民兴藏,长期建藏,凝聚人心,夯实基础
ཁྲིམས་བཞིན་བོད་སྐྱོང་།
དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན།
མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་།
71、以言代法、以权压法、徇私枉法 ཁ་ཤུགས་ཀྱིས་ཁྲིམས་ཚབ་དང་།
དབང་ཤུགས་ཀྱིས་ཁྲིམས་གནོན།
ཉེར་ཕྱོགས་ཀྱིས་ཁྲིམས་འགལ།
72、以学益智、以学修身 བསླབ་ནས་བློ་རིག་སྐྱེད། བསླབ་ནས་བློ་སྦྱོང་འཕེལ།
73、硬约束 དམ་ནན་གྱི་གཅུན་སྡོམ།
74、酝酿动议 ནང་མོལ་གྲོས་འགོ།
75、有如履薄冰,如临深渊的警觉 འཁྱགས་སྲབ་ཐོག་འགྲོ་བ་དང་གཡང་ས་
འགྲིམ་པ་ལྟར་གྱི་དོགས་ཟོན་ཡོད་པ།
76、游必有方 ཕྱོགས་ལ་འགྲོ་བར་འགྲོ་ཡུལ་ཤེས་དགོས།
77、用人如器 མི་བཀོལ་སྤྱོད་གནད་འཁེལ་བྱེད་པ།
78、不追究责任,再好的制度也会成纸老虎、稻草人
འགན་འཁྲི་བདའ་འདེད་མ་བཏང་ན་ལམ་
ལུགས་ག་ཚོད་ཡག་ཀྱང་“ཤོག་བུའི་སྟག་”
དང་“ཐོ་ཡོར”ལྟ་བུར་འགྱུར་སྲིད།
79、做到虔诚而执着,至信而深厚 དད་སེམས་ཆེན་པོ་དང་ཡིད་ཆེས་བརྟན་པོ་བྱེད་དགོས།
80、昨日是而今日非矣,今日非而后日又是矣,调查研究是谋事之基、成事之道 སྔོན་མ་གང་ཡིན་ད་ལྟ་ཡིན་མི་སྲིད།
ད་ལྟ་གང་ཡིན་ཕྱི་མ་ཡིན་མི་སྲིད།
བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་བྱ་བ་སྒྲུབ་པའི་
རྨང་གཞི་དང་བྱ་བ་སྒྲུབ་ཐུབ་པའི་ཐབས་ལམ་ཞིག་ཡིན།
81、只想出彩不想出力 སྙན་གྲགས་འདོད་པ་ལས་དཀའ་ལས་རྒྱག་མི་འདོད་པ།
82、治大国若烹小鲜 རྒྱལ་ཁབ་ཆེན་པོ་སྐྱོང་བ་ལ།
ཉ་ཕྲུག་གདུས་བཞིན་གཟབ་ནན་དགོས།
83、治国者,圆不失规,方不失矩,本不失末,为政不失其道,万事可成,其功可保 རྒྱལ་ཁབ་སྐྱོང་བའི་བྱེད་པོ་ཡིས། ཀུན་དང་མཐུན་པའི་སྒྲིགས་མི་དོར།
ཀུན་ལ་དྲང་བའི་སྲོལ་མི་དོར། གཙོ་བོ་བཟུང་ལ་ཕལ་མི་དོར།
སྲིད་ཀྱི་བྱེད་པོས་ལུགས་མི་དོར། དེ་ཡིས་བྱ་བ་མི་འགྲུབ་ཅི།
དེ་ཡིས་མཛད་པ་མི་གནས་ཅི།
84、制度成为硬约束而不是橡皮筋 ལམ་ལུགས་ནི་དམ་ནན་གྱི་གཅུན་སྡོམ་ཤིག་ཏུ་འགྱུར་བ་
ལས་ཁ་ཤའི་ལྤགས་པ་ལྟ་བུར་མ་འགྱུར་བ་བྱེད་དགོས།
85、抓铁有痕、踏石留印 བྱས་པའི་རྗེས་དང་། འདྲུད་པའི་ཤུལ།